[001A] ༄༅། །ཉི་ཁྲིའི་ས་བཅད་མདོ་ཙམ་བརྗོད་པ་བཞུགས་སོ། ། [001B] །ན་མོ་གུ་རུ། ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང། །སྡུག་བསྔལ་བྲུག་རྔུའི་རྩ་བ་དྲུད་ནས་འབྱིན། །རྒྱལ་ཡུམ་ ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འདིར་ཉི་ཁྲེའི་ས་བཅད་མདོ་ཙམ་བརྗོད་པ་ལ། ཐོག་མར་མཚན་དང། དུམ་པ་དང་བམ་གྲངས། འགྱུར་ཕྱག་གླེང་གཞི་རྣམས་གསུངས།། ་།ཤོ་གུ་ཉེད་བརྒྱད་པའི་རྒྱབ་ལོགས་ཀྱི་ ཡིག་ཕྲེང་གཉིས་པ་ནས། དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། ཞེས་སོགས་ཀྱིས་སེམས་བསྐྱེད་གསུངས། ་ཞེ་ གསུམ་པའི་རྒྱབ་ཀྱི་དང་པོ་ནས། དེ་སྐད་ཅེས་བཀའ་སྩལ་བ་དང། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། [002A] །ཞེས་སོགས་ཀྱིས་གདམས་ངག་གསུངས། ་བརྒྱ་ཉི་ཤུ་པའི་མདུན་གྱི་དང་པོ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་ བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་སོགས་ཀྱིས་སྦྱོར་ལམ་གསུངས། ་བརྒྱ་དོན་ལྔ་པའི་རྒྱབ་ཀྱི་དང་པོ་ནས་ དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་སོགས་ཀྱིས་རང་བཞིན་གནས་རིགས་གསུངས། ་བརྒྱ་ གྱ་གཅིག་པའི་མདུན་གྱི་བདུན་པ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར། བྱང་ཆུབ་གང་ཡིན་པ་དང། ཞེས་སོགས་ཀྱིས་དམིགས་པ་གསུངས་ ་བརྒྱ་གྱ་བཞི་པའི་རྒྱབ་ཀྱི་ལྔ་པ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ [002B] ཞེས་སོགས་ཀྱིས་ཆེད་དུ་བྱ་བ་གསུངས། ་བརྒྱ་གྱ་དགུ་བའི་རྒྱབ་ཀྱི་དྲུག་པ་ནས། དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་སོགས་ཀྱིས་གོ་སྒྲུབ་གསུངས། ་བརྒྱ་གོ་བདུན་པའི་མདུན་གྱི་ལྔ་པ་ནས། སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཞེས་བྱ། ཞེས་སོགས་ཀྱིས་འཇུག་སྒྲུབ་གསུངས། ་ཉིས་བརྒྱ་གསུམ་པའི་རྒྱབ་ཀྱི་གཉིས་པ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་སོ། །ཞེས་སོགས་ཀྱིས་ཚོགས་སྒྲུབ་གསུངས། ་ཉིས་བརྒྱ་དོན་བརྒྱད་པའི་མདུན་གྱི་ཐ་མ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི། ཞེས་སོགས་ཀྱིས་ངེས་འབྱུང་སྒྲུབ་པ་གསུངས་ཤིང། ཉིས་བརྒྱ་གོ་དྲུག་པར་པོ་ཏི་དང་པོ་རྫོགས་ སོ། ་། ་།གྱ་བཞི་པའི་རྒྱབ་ཀྱི་དང་པོ་ནས། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནས། ཞེས་སོགས་ཀྱིས་ལམ་ཤེས་ [003A]༄༅། །ཀྱི་ཡན་ལག་གསུངས། ་གྱ་ལྔ་པའི་རྒྱབ་ཀྱི་ལྔ་པར། ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། ཞེས་སོགས་ཀྱིས་ཉན་ཐོས་ ཀྱི་ལམ་ཤེས་པའི་ལམ་ཤེས་གསུངས། ་བརྒྱ་པའི་མདུན་གྱི་བཞི་པ་ནས། དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཞེས་སོགས་ཀྱིས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གསུངས་ ་བརྒྱ་ཉེར་བརྒྱད་པའི་རྒྱབ་ཀྱི་གཉིས་པ་ནས། དེ་ནས་ལྷའི་དབང་བོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་སོགས་ཀྱིས་ཐེག་ཆེན་གྱི་མཐོང་ལམ་གསུངས། ་བརྒྱ་ཞེ་དགུ་པའི་ མདུན་གྱི་དང་པོ་ནས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི། ཞེས་སོགས་ཀྱིས་སྒོམ་ལམ་གྱི་བྱེད་པ་གསུངས། ་བརྒྱ་ང་གཉིས་པའི་རྒྱབ་ཀྱི་བདུན་པ་ནས་ བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། ཞེས་སོགས་ཀྱིས་མོས་པ་སྒོམ་ལམ་གསུངས། ་ཉིས་བརྒྱ་བཅུ་དྲུག་པའི་མདུན་གྱི་དང་པོ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཞེས་སོགས་ཀྱིས་བསྟོད་བཀུར་བསྔགས་པ་གསུངས། ་ཉིས་བརྒྱ་བཅུ་བདུན་པའི་མདུན་གྱི་ཐ་མ་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ [003B] ཞེས་སོགས་ཀྱིས་བསྔོ་བ་སྒོམ་ལམ་གསུངས། ་ཉིས་བརྒྱ་སོ་བདུན་པའི་རྒྱབ་ཀྱི་བདུན་པ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །ཞེས་སོགས་ཀྱིས་རྗེས་སུ་ཡི་རང་སྒོམ་ལམ་གསུངས། ་ཉིས་བརྒྱ་བཞི་བཅུ་པའི་མདུན་གྱི་བདུན་པ་ནས། དེ་ནས་ཚེ་དང་ལྡན་བ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ ནེས་སོགས་ཀྱིས་སྒྲུབ་པ་སྒོམ་ལམ་གསུངས། ་ཉིས་བརྒྱ་ཞེ་བརྒྱད་པའི་རྒྱབ་ཀྱི་གསུམ་པ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏེའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་སོགས་ ཀྱིས་རྣམ་དག་སྒོམ་ལམ་གསུངས།། ་།ཉིས་བརྒྱ་དོན་གསུམ་པའི་རྒྱབ་ཀྱི་དྲུག་པ་ནས། གསོལ་བ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། ཚུ་བོ་ལ་གྱི་འགྲམ་མམ། ཞེས་སོགས་ཀྱིས་སྲིད་ཞིའི་མཐའ་ལ་གནས་མི་གནས་ཀྱི་གཞི་ཤེས་གཉིས་གསུངས། ་ཉིས་བརྒྱ་དོན་བཞི་པའི་མདུན་གྱི་དང་པོ་ནས། གསོལ་པ། བཅོམ་ལྡན་ འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། ཞེས་སོགས་ཀྱིས་འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་གཉིས་གསུངས། ་ཉིས་བརྒྱ་དོན་བཞི་པའི་རྒྱབ་ཀྱི་ [004A]༄༅། །དང་པོ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་བོ། །ཞེས་སོགས་ཀྱིས་མི་མཐུན་གཉེན་པོའི་གཞི་ཤེས་གཉིས་གསུངས། ་ཉིས་ བརྒྱ་དོན་དགུ་བའི་མདུན་གྱི་དྲུག་པ་ནས། གསོལ་བ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་བ་ལ་སྤྱོད་པས་རྣམ་པ་ཇི་ལྟར་སྦྱད་པར་བགྱི། ཞེས་སོགས་ཀྱིས་ གཞི་ཤེས་ཀྱི་སྦྱོར་བ་གསུངས། ་ཉིས་བརྒྱ་གྱ་ལྔ་པའི་མདུན་གྱི་ལྔ་པ་ནས། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་ གཟུགས་རློམ་སེམས་སུ་མི་བྱེད། ཅེས་སོགས་ཀྱིས་འཛིན་སྟངས་མཉམ་ཉིང་གསུངས། ་ཉིས་བརྒྱ་གྱ་དྲུག་པའི་མདུན་གྱི་ལྔ་པ་ནས། དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་འདི་ན། ཞེས་སོགས་ཀྱིས་མཐོང་ལམ་གསུངས། ་ཉིས་བརྒྱ་གོ་གསུམ་པའི་མདུན་གྱི་ཐ་མ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྟོན་པའམ། ཞེས་སོགས་ཀྱིས་ མཁྱེན་གསུམ་གྱི་མཇུག་སྡུད་གསུངས།། ་ དབུར་མཁྱེན་གསུམ་མཇུག་སྡུད་ཀྱི་སྨད་ཆ་ཡོང་ཅིང། ་ཤོ་གུ་གསུམ་པའི་རྒྱབ་ཀྱི་བཞི་པ་ནས། དེ་ནས་ཚེ་དང་ལྡན་པ་ [004B] །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །ཞེས་སོགས་ཀྱིས་མཁྱེན་གསུམ་གྱི་རྣམ་པ་ གསུངས། ་དགུ་པའི་མདུན་གྱི་དང་པོ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི། ཞེས་ སོགས་ཀྱིས་སྦྱོར་བ་གསུངས། ་ཉེར་བདུན་པའི་མདུན་གྱི་དྲུག་པ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་མཐུས་ན། ཞེས་ སོགས་ཀྱིས་སྦྱོར་བའི་ཡོན་ཏན་གསུངས། ་སོ་བཞི་པའི་མདུན་གྱི་ཐ་མ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ། ཞེས་སོགས་ཀྱིས་སྦྱོར་བའི་སྐྱོན་གསུངས། ་ང་དྲུག་པའི་མདུན་གྱི་དྲུག་པ་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་ འདས་ཀྱིས་གང་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པའོ། །ཞེས་སོགས་ཀྱིས་སྦྱོར་བའི་མཚན་ཉིད་ [005A]༄༅། །གསུངས། ་བརྒྱ་ཉེར་དྲུག་པའི་རྒྱབ་ཀྱི་དང་པོ་ནས། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཞེས་སོགས་ ཀྱིས་ཐར་པ་ཆ་མཐུན་གསུངས། ་བརྒྱ་སོ་གཉིས་བའི་རྒྱབ་ཀྱི་ལྔ་པ་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི། ཞེས་སོགས་ཀྱིས་ངེས་འབྱེད་ཆ་མཐུན་གསུངས། ་བརྒྱ་སོ་བརྒྱད་པའི་མདུན་གྱི་དང་པོ་ནས། དེ་སྐད་ཅེས་བཀའ་བསྩལ་པ་དང། ཚེ་དང་ ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལ་ཚུལ་ནི་གད་ལགས། ཞེས་སོགས་ཀྱིས་ ཕྱིར་མི་ལྡོག་པའི་རྟགས་གསུངས། ་བརྒྱ་བདུན་ཅུ་པའི་མདུན་གྱི་གསུམ་པ་ནས། དེ་ནས་ཡང་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་སྟོང་པ་ཉིད་དང། ཞེས་སོགས་ཀྱིས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་གསུངས། ་བརྒྱ་དོན་གཉིས་པའི་མདུན་གྱི་ལྔ་པ་ནས། དེ་ནས་ཚེ་དང་ [005B] བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང། ཞེས་ སོགས་ཀྱིས་ཞིང་དག་སྦྱོར་བ་གསུངས། ་བརྒྱ་གྱ་གཉིས་པའི་རྒྱབ་ཀྱི་ལྔ་པ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི། ཞེས་སོགས་ཀྱིས་ཐབས་མཁས་སྦྱོར་བ་གསུངས།། ་།བརྒྱ་གྱ་དགུ་པའི་རྒྱབ་ཀྱི་གཉིས་པ་ ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་ཉན་ཐོས་ཀྱི་སའམ། ཞེས་སོགས་ ཀྱིས་སྦྱོར་ལམ་དྲོད་རྩེ་སྦྱོར་གསུངས། ་ཉིས་བརྒྱ་པའི་མདུན་གྱི་ཐ་མ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་ མིའི་ལུས་ཐོབ་པར་བྱུང་ཏེ། ཞེས་སོགས་ཀྱིས་རྩེ་མོའི་རྩེ་སྦྱོར་གསུངས། ་ཉིས་བརྒྱ་ཉི་ཤུ་པའི་རྒྱབ་ཀྱི་དང་པོ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ [006A]༄༅། །སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང། ཞེས་སོགས་ཀྱིས་བཟོད་པའི་རྩེ་སྦྱོར་གསུངས། ་ཉིས་བརྒྱ་ཉེར་གཅིག་པའི་མདུན་གྱི་བཞི་པ་ནས། བཅོམ་ལྡན་འདས་བདག་ནི་ གང་ཟག་བྱང་ཆུབ་སེམས་དཔའ་ཐེག་པ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ། ཞེས་སོགས་ཀྱིས་ཆོས་མཆོག་ཅི་སྦྱོར་གསུངས། ་ཉིས་བརྒྱ་ཉེར་གསུམ་པའི་མདུན་གྱི་གཉིས་པ་ ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དི་ལྟར་ན་སྒྱུ་མ་ལྟ་བུའི་སེམས། ཞེས་སོགས་ཀྱིས་མཐོ་བརྩེའི་སྤང་བྱ་རྟོག་པ་དང། ་ཉིས་ བརྒྱ་སོ་དྲུག་པའི་རྒྱབ་ཀྱི་བདུན་པ་ནས། ཀོ་ཤི་ཀ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་འདོད་པས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣམ་པར་ སྤྱོད་པ་འདི་ཉིད་ཀྱིས་རྣམ་པར་སྤྱད་པར་བྱའོ། །ཞེས་སོགས་ཀྱིས་མཐོང་ལམ་རྩེ་སྦྱོར་གསུངས། ་ཉིས་བརྒྱ་རེ་བདུན་པའི་མདུན་གྱི་ལྔ་པ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཏིང་ངེ་འཛིན་སེང་གེ་རྣམ་པར་བསྐྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། ཞེས་སོགས་ཀྱིས་སྒོམ་ལམ་རྩེ་སྦྱོར་དང། ་ཉིས་བརྒྱ་གྱ་དྲུག་པའི་ [006B] གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་ན། ཞེས་སོགས་ཀྱིས་སྒོམ་རྩེའི་སྤང་བྱ་རྟོག་པ་གསུངས། ཉིས་བརྒྱ་གོ་གཅིག་པར་ པོ་ཏི་རྫོགས་སོ། ་ ་ཉེར་དྲུག་པའི་མདུན་གྱི་ཐ་མ་ནས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་པ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་ འགྱུར། ཞེས་སོགས་ཀྱིས་པར་ཆད་མེད་པའི་རྩེ་སྦྱོར་གསུངས། ་ཉེར་དགུ་པའི་རྒྱབ་ཀྱི་བདུན་པ་ནས། གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་ མ་མཆིས་པ་ལགས་སམ། མ་ལགས་ཀྱི། གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཞེས་སོགས་ཀྱིས་བསལ་བྱ་ལོག་སྒྲུབ་གསུངས། ་།དོན་གཉིས་པའི་མདུན་གྱི་གསུམ་པ་ནས། རབ་འབྱོར་ གྱིས་གསོལ་བ། བཅོམ་ལྡན་འདས་གལ་ཏེ་དེ་ལྟད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ [007A]༄༅། །ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་ན། ཞེས་སོགས་ཀྱིས་མཐར་གྱིས་སྦྱོར་བ་གསུངས་ཤིང། དེ་ལ། ་དོན་གསུམ་བའི་མདུན་གྱི་དྲུག་པ་ནས་ དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཆེ། ཞེས་སོགས་ཀྱིས་སྦྱིན་པ་དང། ་དོན་བཞི་པའི་མདུན་གྱི་གསུམ་པ་ནས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །ཞེས་སོགས་ཀྱིས་ཚུལ་ཁྲིམས་དང། ་དོན་བཞི་པའི་རྒྱབ་ཀྱི་ལྔ་པ་ནས། རབ་འབྱོར་གཞན་ཡང། སོགས་ ཀྱིས་བཟོད་པ་དང། ་དོན་ལྔ་བའི་མདུན་གྱི་མདུན་པ་ནས། རབ་འབྱོར་གཞན་ཡང། སོགས་ཀྱིས་བརྩོན་འགྲུས་དང། ་དོན་ལྔ་པའི་རྒྱབ་ཀྱི་ཐ་མ་ནས། རབ་འབྱོར་གཞན་ཡང། སོགས་ཀྱིས་ བསམ་གཏན་དང། ་དོན་དྲུག་པའི་རྒྱབ་ཀྱི་བཞི་པ་ནས། རབ་འབྱོར་གཞན་ཡང། སོགས་ཀྱིས་ཤེས་རབ་ཏེ། ཕྱིན་དྲུག་སོ་སོའི་མིང་བརྗེས་པ་སོགས་མདོ་ན་གསལ་བར་ཡོད་དོ། ་དོན་བདུན་ པའི་རྒྱབ་ཀྱི་གསུམ་པ་ནས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། སོགས་ཀྱིས་སངས་རྒྱས་དང། ་དོན་དགུ་པའི་ལ་དུན་གྱི་ [007B] རབ་འབྱོར་ཇི་ལྟར་ན། སོགས་ཀྱིས་ཆོས་དང། ་དོན་དགུ་པའི་རྒྱབ་ཀྱི་བདུན་པ་ནས། རབ་འབྱོར་ཇི་ལྟར་ན། སོགས་ཀྱིས་དགེ་འདུན་དང། ་བརྒྱད་ཅུ་པའི་མདུན་གྱི་དྲུག་པ་ནས་ རབ་འབྱོར་ཇི་ལྟར་ན། སོགས་ཀྱིས་ཚུལ་ཁྲིམས་དང། ་བརྒྱད་ཅུ་པའི་རྒྱབ་ཀྱི་ལྔ་པ་ནས། རབ་འབྱོར་ཇི་ལྟར་ན། སོགས་ཀྱིས་གཏོང་བ་དང། ་གྱ་གཅིག་པའི་མདུན་གྱི་བཞི་པ་ནས། རབ་འབྱོར་ ཇི་ལྟར་ན། སོགས་ཀྱིས་ལྷ་རྗེས་དྲན་དང། ་གྱ་གཅིག་པའི་རྒྱབ་ཀྱི་གསུམ་པ་ནས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་གྱིས་སྤྱད་པ་དང། ཞེས་སོགས་ཀྱིས་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་གསུངས་སོ།། ་།བརྒྱ་བདུན་པའི་མདུན་གྱི་བཞི་པ་ནས། དེ་སྐད་ཅེས་བཀའ་སྩལ་ པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ སེམས་བསྐྱེད་པ་གཅིག་གིས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། ཞེས་སོགས་ཀྱིས་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་གསུངས། ་བརྒྱ་ལྔ་པའི་རྒྱབ་ཀྱི་ཐ་མ་ནས། དེ་བྱང་ཆུབ་ཀྱི་ [008A]༄༅། །ལམ་རྣམ་པར་སྨིན་པའི་ཆོས་ཅན་ལ་གནས་པས། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང། སྟོད་པ་ཉིད་ཐམས་ཅད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ ཡོངས་སུ་རྫོགས་པ་དང། ཞེས་སོགས་ཀྱིས་རྣམ་པར་སྨིན་པའི་སྐད་ཅིག་སྤྱོད་གསུངས། ་བརྒྱ་བདུན་པའི་རྒྱབ་ཀྱི་བདུན་པ་ནས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང། སྦྱིན་པ་ཡོངས་སུ་གཏོང་ངོ། །ཚུལ་ཁྲིམས་སྲུང་ངོ། །ཞེས་སོགས་ཀྱིས་མཚན་ཉིད་མེད་པའི་སྐད་ཅིག་ སྦྱོར་གསུངས། ་བརྒྱ་བཅུ་བདུན་པའི་རྒྱབ་ཀྱི་གསུམ་པ་ནས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་བའི་ཚེ། ཇི་ལྟར་ན་ཆོས་ ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཞེས་སོགས་ཀྱིས་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གསུངས་སོ། ་བརྒྱ་ཉི་ཤུ་བའི་མདུན་གྱི་བདུན་པ་ནས། རབ་འབྱོར་ དེ་ལྟར་བྱང་ཆེས་མཚན་མ་མེད་པའི་ཚུལ་གྱིས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་པ་ཡན་གྱིས་སྐད་ཅིག་སྦྱོར་རྫོགས་པ་ཡིན་འདྲ་ཞིང། དེའི་འཕྲོད། རབ་འབྱོར་གྱིས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དངོས་པོ་ [008B] ཞེས་སོགས་ཞུས་པའི་ལན་དུ། འཕྲིན་ལས་གསུངས་པ་ལྟ་བུར་སྣང་ལ། སྐུ་བཞིའི་མཚམས་སྤྱད་དུ་གསེར་ཕྲེང་ལས། མདོའི་ འདྲེལ་ནི། སྐད་ཅིག་མ་བཞི་པར་བྱང་ཆེན་གྱིས་མཚན་མེད་ཀྱི་ཚུལ་གྱིས་ཡུམ་ལ་བསླབ་པར་བྱ་བར་གསུངས་ནས་གཞན་ཡང་ཐག་མེད་ཀྱི་ཆོས་རྨི་ལམ་ལྟ་བུ་མཚན་ཉིད་ཀྱིས་སྟོད་པ་ལ་བསླབ་པར་གསུངས་པས་ངོ་བོ་ཉིད་ཀྱི་སྐུ་ གསུངས་སོ། །ཞེས་པ་དང། འཕྲིན་ལས་ཀྱི་མཚམས་སྦྱར་དུ་གསེར་ཕྲེང་ལས། མདོ་འབྲེལ་ནི། སྐད་ཅིག་མ་བཞི་བའི་སྐབས་སུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཚན་ཉིད་ཀྱིས་སྟོང་པར་གསུངས་པ་ལ་དེ་ལྟ་ན་ དགེ་སོགས་གསུམ་ལ་སོགས་པ་ཇི་ལྟར་གཞག་པ་དྲིས་པའི་ལན་དུ་གསུངས་སོ། །ཞེས་འབྱུང་བས། སྐད་ཅིག་མ་དང་འཕྲིན་ལས་གཉིས་ཀྱི་བར་དུ་སྐུ་བཞིའི་མདོ་ཡོད་དགོས་རྒྱུ་ཡིན་ཀྱང་མི་གསལ་བས་དཔྱད་པར་ བྱའོ།། ་།བརྒྱ་ཉེར་དྲུག་པའི་རྒྱབ་ཀྱི་ཐ་མ་ནས། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་ཨམ་སྙེད་དག་ན་ ཞེས་སོགས་ཀྱིས་བསམ་པ་ཕུན་ཚོགས་ལ་འགོད་པའི་འཕྲིན་ལས་གསུངས། ་བརྒྱ་སོ་གཅིག་པའི་མདུན་གྱི་ཐ་མ་ནས། རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་ [009A]༄༅། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། ཞེས་སོགས་ཀྱིས་ གཞན་རྒྱུད་སྨིན་བྱེད་ཀྱི་སྦྱོར་བ་ལ་འགོད་པའི་འཕྲིན་ལས་གསུངས། ་བརྒྱ་དྲུག་བཅུ་པའི་རྒྱབ་ཀྱི་ལྔ་པ་ནས། གསོལ་པ། བཅོམ་ལྡན་འདས་སྤྲུལ་པས་ལམ་སྒོམ་པ་ལ་བརྟེན་ཀྱང། ཀུན་ནས་ཉོན་མོངས་པར་ཡང་ མི་འགྱུར། རྣམ་པར་བྱང་བར་ཡིང་མི་འགྱུར་ལ། འགྲོ་བ་ལྔའི་འཁོར་བ་ན་ཡང་མི་གདའ་ན་ལམ་སྒོམ་དུ་ཅི་མཆིས། ཞེས་སོགས་ཀྱིས་བདེན་བཞི་རྟོགས་པ་ལ་འགོད་པའི་འཕྲིན་ལས་གསུངས། ་བརྒྱ་དོན་ལྔ་པའི་ མདུན་གྱི་བཞི་པ་ནས། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མི་མཐོང་སྟེ་ ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང། ཞེས་སོགས་ཀྱིས་གཞན་དོན་གྱི་བསམ་པ་རྣམས་དག་ལ་འགོད་པ་གསུངས། ་ཤོ་གུ་དེ་ཉིད་ཀྱི་མདུན་གྱི་དྲུག་པ་ནས། བདག་ཀྱང་སྦྱིན་པ་ གཏོད་བ་ཡིན། གཞན་ཡང་སྦྱིན་པ་ལ་ཡང་དག་པར་བསྐུལ་བ་ཡིན། ཞེས་སོགས་ཀྱིས་དད་རྒྱུད་སྨན་པ་ལ་འགོད་པ་གསུངས། ་བརྒྱ་དོན་ལྔ་བའི་རྒྱབ་ཀྱི་བདུན་པ་ནས། བདག་ཀྱང་དགེ་བ་བཅུའི་ [009B] ཞེས་སོགས་ཀྱིས་གཉིས་ཀའི་དོན་གྱི་སྤྱོད་པ་ལ་འགོད་པ་གསུངས་ཏེ། འདི་ཡན་ཚོགས་ལམ་ལ་འགོད་པའི་འཕྲིན་ལས་དྲུག་གོ་་བརྒྱ་རྒྱ་བདུན་པའི་རྒྱབ་ཀྱི་བདུན་པ་ ནས། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས། ཞེས་སོགས་ཀྱིས་སྦྱོར་ལམ་ལ་འགད་པ་གསུངས་ ་བརྒྱ་གོ་གཉིས་པའི་རྒྱབ་ཀྱི་ལྔ་པ་ནས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་རྣམས་ལ་སྤྱོད་ཅིང། གཟུགས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་ རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་སོགས་ཀྱིས་མཐོང་ལམ་ལ་འགོད་པ་གསུངས། ་བརྒྱ་གོ་བརྒྱད་པའི་མདུན་གྱི་ཐ་མ་ནས། ཆོས་དེ་དག་ཐམས་ཅད་གྱི་ཐ་སྙད་ཉེ་བར་བཟུང་སྟེ་བཏགས་པ་ ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །ཞེས་སོགས་ཀྱིས་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ་གསུངས། ཉིས་བརྒྱ་པའི་མདུན་གྱི་བཞི་པ་ནས། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱང། ཞེས་སོགས་ཀྱིས་ས་དྲུག་པ་ལ་འགོད་པ་གསུངས། ་ཉིས་བརྒྱ་དྲུག་པའི་རྒྱབ་ཀྱི་ལྔ་པ་ནས། ཤཱ་ར་ [010A]༄༅། ། དཔེར་ན་སྒྱུ་མའི་མཁན་པོའམ། ཞེས་སོགས་ཀྱིས་ས་བདུན་པ་ལ་འགོད་པ་གསུངས། ་ཉིས་བརྒྱ་བཅུ་བདུན་པའི་མདུན་གྱི་དང་པོ་ནས། དེ་ནས་ཚེ་དང་ལྡན་པ་ རབ་འབྱོར་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་གོ་བགོ་བར་བྱ་ན། ཞེས་སོགས་ཀྱིས་ས་བརྒྱད་པའི་རྟོགས་པ་དང། ་ཉིས་བརྒྱ་བཅོ་བརྒྱད་པའི་རྒྱབ་ཀྱི་གཉིས་པ་ནས་ རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས་ཐོག་མ་ཉིད་དུ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཞེས་སོགས་ཀྱིས་ས་བརྒྱད་པའི་སྤངས་པ་ལ་འགོད་པ་གསུངས་ ་ཉིད་བརྒྱ་ཉེར་གཉིས་པའི་རྒྱབ་ཀྱི་དང་པོ་ནས། རབ་འབྱོར་བྱང་ཆུབ་ནི་ལམ་གྱིས་ཐོབ་པ་ཡང་མ་ཡིན། ལམ་མ་ཡིན་པས་ཐོབ་པ་ཡང་མ་ཡིན་ཏེ། ཞེས་སོགས་ཀྱིས་ས་དགུ་པ་ལ་འགོད་པ་གསུངས་ ་ཉིས་བརྒྱ་ཉེར་ལྔ་པའི་མདུན་གྱི་གསུམ་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་གནས་ངན་ལེན་དེ་ཐམས་ཅད་རྣམ་པར་སྤངས་ཤིང། ཞེས་སོགས་ཀྱིས་ ས་བཅུ་པ་ཐོབ་མ་ཐག་པ་ལ་འགོད་པ་གསུངས། ་ཉིས་བརྒྱ་ཉེར་དགུ་པའི་མདུན་གྱི་གཉིས་པ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ [010B] མ་ངེས་ཞེས་བྒྱིའམ། ཞེས་སོགས་ཀྱིས་ས་བཅུ་པ་སྐྱེ་བ་གཅིག་ཐོགས་ཀྱིས་འཚང་རྒྱ་བར་ངེས་པ་ལ་འགོད་པ་དང། ་ཉིས་བརྒྱ་སོ་གཅིག་ བའི་རྒྱབ་ཀྱི་བདུན་པ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་གང་དང་གང་ལ་གནས་ཤིང། དེ་ལྟ་བུའི་ཐབས་མཁས་པ་བགྱིད་ཀྱང་ལས་དེ་ལྟ་བུ་མི་གོས་པར་སྤྱོད་པ་ ལགས། ཞེས་སོགས་ཀྱིས་གཞན་དོན་ལྷུན་གྲུབ་ལ་འགོད་པ་དང། ་ཉིས་བརྒྱ་སོ་གཉིས་པའི་རྒྱབ་ཀྱི་ལྔ་པ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཏེ། ཞེས་སོགས་ཀྱིས་སྐྱེ་བ་གཅིག་ཐོགས་སངས་རྒྱས་ཀྱི་ཆོས་ རྫོགས་པ་ལ་འགོད་པ་གསུངས། ་ཉིས་བརྒྱ་སོ་དགུ་པའི་རྒྱབ་ཀྱི་བཞི་པ་ནས། རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཡན་ལག་ཡོངས་སུ་རྫོགས་པར་བགྱིས་ཤིང་ ཞེས་སོགས་ཀྱིས་ས་བཅུ་པ་སྲིད་པ་ཐ་མ་པ་བྱང་ཆུབ་འདྲེན་པའི་ནུས་པ་ལ་འགོང་པ་དང། ་ཉིས་བརྒྱ་ཞེ་གསུམ་པའི་རྒྱབ་ཀྱི་ལྔ་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ [011A]༄༅། །ཕྱིན་པར་དགེ་བའི་ཆོས་ཐམས་ཅད་འདུས་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་སྦྱོད་པ་སྦྱོད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང་རྒྱའོ།། ཞེས་སོགས་ཀྱིས་ལས་ཆུང་མི་ཟ་བའི་ནུས་པ་ལ་འགོད་པ་དང། ་ཉིས་བརྒྱ་ཞེ་བཞི་པའི་མདུན་གྱི་དང་པོ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡུག་བསྔལ་དང་སྡུག་བསྔལ་ཀུན་འབྱུང་བ་དང། ཞེས་སོགས་ཀྱིས་ཇི་སྙེད་པ་རྟོགས་པ་ལ་འགོད་པ་ དང། ་ཉིས་བརྒྱ་རེ་དྲུག་པའི་རྒྱབ་ཀྱི་བཞི་པ་ནས། གསོལ་བ། ཆོས་ཉིད་དེ་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་བ་ལགས། ཞེས་སོགས་ཀྱིས་ཇི་ལྟ་བ་རྟོགས་པ་ལ་འགོད་པ་སྟེ་ གསེར་ཕྲེང་ལས། འདི་འདིར་བཤད་པ་ནི་དོན་འབྲེལ་དབང་བཙན་པར་བྱས་པའོ། ཞེས་གསུངས་ཏེ། མདོའི་ཚིག་འདི་རྣམས་འོག་ཏུ་ཡོད་ཀྱང་དོན་གྱི་དབང་གིས་འདིར་བླངས་པ་ཡིན་ནོ། ་ཉིས་བརྒྱ་ཞེ་ བརྒྱད་པའི་རྒྱབ་ཀྱི་ལྔ་པ་ནས། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་བའི་ཚེ། ཐབས་མཁས་པས་སེམས་ཅན་ཕྱིན་ཅི་ལོག་བཞིས་ཕུང་པོ་ལྔ་ལ་མངོན་བར་ [011B] ཞེས་སོགས་ཀྱིས་ཕྱིན་ཅི་ལོག་ཟད་པ་ལ་འགོད་པ་དང། ་ཉིས་བརྒྱ་ཞེ་དགུ་པའི་མདུན་གྱི་གཉིས་པ་ནས། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ ཞེས་སོགས་ཀྱིས་ཕྱིན་ཅི་ལོག་གི་གཞི་ཟད་པ་ལ་འགོད་པ་དང། ་ཉིས་བརྒྱ་ང་གསུམ་པའི་རྒྱབ་ཀྱི་གསུམ་པ་ནས་མཚམས་སྦྱར་དང། ཡིག་ཕྲེང་ཐ་མར། རབ་འབྱོར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་ པ་རེ་ནི་དས་རྣམ་པར་བྱད་པར་གསུངས་སོ། །ཞེས་སོགས་ཀྱིས་རང་བཞིན་རྣམ་དག་གི་ཆོས་སྐུའི་རྒྱུ་ཚོགས་ལ་འགོད་པ་དང། ་ཉིས་བརྒྱ་ང་བདུན་པའི་མདུན་གྱི་བཞི་པ་ནས། རབ་འབྱོར་འོན་ཀྱང་ཆོས་དེ་དག་ནི་ ཐམས་ཅད་ཀྱང་ལམ་སྒྲུབ་པ་དང། ལམ་སྐྱེད་པའི་རྒྱུར་འགྱུར་བ་སྟེ་འྦྲྶ་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་སོགས་ཀྱིས་གློ་བུར་རྣམ་དག་གི་རྒྱལ་འགོང་པ་གསུངས་ཏེ། འདི་ཡན་བཅུ་གཉིས་ནི་ས་བཅུ་པ་ལ་ འགོད་པའི་འཕྲིན་ལས་སོ། །ཇི་ལྟ་བ་རྟོགས་པ་ལ་འགོད་པའི་མདོ་ཚིགས་འདིར་ཡོད་ཀྱང་གོང་དུ་བླངས་པ་དེའོ། ་ཉིས་བརྒྱ་རེ་བརྒྱད་པའི་རྒྱབ་ཀྱི་གཉིས་པ་ནས། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་ གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གདལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ། །ཞེས་སོགས་ཀྱིས་འབྲས་བུ་མྱང་འདས་ལ་འགོད་པའི་འཕྲིན་ལས་གསུངས་ [012A]༄༅། །སོ། ་ཉིས་བརྒྱ་རེ་དགུ་པའི་མདུན་གྱི་གཉིས་པར། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་བདུན་ཅུ་གཅིག་གོ་ཞེས་པ་ཡན་གྱིས་འཕྲིན་ལས་ཉེར་བདུན་རྫོགས་ སོ། །དེ་ལྟར་ན་ཚོགས་ལམ་ལ་དྲུག་སྦྱོར་མཐོང་གཉིས་ལ་རེ་རེ། ས་གཉིས་པ་ནས་ལྔ་པའི་བར་ལ་གཅིག་ས་དྲུག་བདུན་གཉིས་ལ་རེ་རེ། ས་བརྒྱད་པ་ལ་གཉིས། ས་དགུ་པ་ལ་གཅིག་ ཨྔྶ་སོ། །མདོ་ཚིག་ནི་ འབྲས་བུ་ལ་གཅིག་སྟེ་ཉེར་བདུན་དུ་མཛད་པའི་དབང་དུ་བྱས་པ་ཡིན་ལ། ཡང་བཤད་ཚུལ་གཅིག་ལ། ཚོགས་ལམ་ལ་གསུམ། སྦྱོར་ལམ་ལ་བཞི། མཐོང་ལམ་ལ་གཅིག་ས་ གཉིས་པ་དང་གསུམ་པ་གཉིས་ལ་གཅིག་ས་བཞི་པ་ལྔ་པ་དྲུག་པ་གསུམ་ལ་གཅིག་ས་བདུན་པ་ལ་གཅིག་ས་བརྒྱད་པ་ལ་བཞི། ས་དགུ་པ་ལ་གཉིས། ས་བཅུ་པ་ལ་དགུ། །འབྲས་བུ་ལ་གཅིག་སྟེ་ཉེར་ བདུན་དུ་མཛད་པའང་ཡོད་དོ། ་ཉིས་བརྒྱ་རེ་དགུ་བར་འཕྲིན་ལས་རྫོགས་པའི་འཕྲོ་ནས། ཉིས་བརྒྱ་གྱ་གཅིག་པའི་མདུན་གྱིས་ལྔ་པར། བསླབ་པ་ལ་རབ་ཏུ་ཕྱེ་བའི་ལེའུ་སྟེ་བདུན་ཅུ་གཉིས་པའོ། ། ཞེས་བའི་བར་གྱིས་བྱམས་ཞུས་ཀྱི་ལེའུ་དང། ་ཉིས་བརྒྱ་གྱ་དགུ་པའི་མདུན་གྱི་ལྔ་པར། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་ལེའུ་སྟེ་བདུན་ཅུ་གསུམ་པ་དང། ་ཉིས་བརྒྱ་དགུ་པའི་མདུན་གྱི་དྲུག་པར་ [012B] ་སུམ་བརྒྱ་བརྒྱད་པའི་རྒྱབ་ཀྱི་གཉིས་པར། ཆོས་ཀྱིས་འཕགས་པའི་ལེའུ་སྟེ་བདུན་ཅུ་ལྔ་པ་དང། ་སུམ་བརྒྱ་བཅུ་པར། འཁོར་རྣམས་ཡི་ངང་བ་ དང། སུམ་བརྒྱ་བཅུ་གཅིག་པར། ཡོངས་སུ་གཏང་པའི་ལེའུ་སྟེ་བདུན་ཅུ་དྲུག་པ་དང། སངས་རྒྱས་བྱང་སེམས་ཉན་རང་རྣམས་ཀྱི་ཡུམ་རྫོགས་སོ། །ཞེས་མཇུག་སྡུད་མཛད་ཅིང། བསྒྱུར་བྱང་དང་པར་བྱང་མི་ འདུག་ལ། ཡི་རང་གི་ཚིག་ལའང། གསུངས་པ་ལ་མངོན་པར་བསྟོང་ངོ་ཞེས་མི་འབྱུང་བར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བར་གྱུར་ཏོ། །ཞེས་འབྱུང་ངོ།། །། ཧོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་བ་ རྫོགས་བའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་ནས་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་་ ཨིང་བརྗོད་བྱེད་ཚིག་ཀྱང་བསྡུས་པ་ དང་པོ་དང། དོན་རྒྱས་ལ་ཚིག་ཅུང་ཞིག་བསྡུས་པ་བར་མ་དང། གཉིས་ཀ་རྒྱས་པ་ཐ་མ་སྟེ་དེ་ཡང་འགྲེས་རྐང་བརྒྱ་རྩ་བརྒྱད་དུ་ཕྱེ་ནས་སྟོན་པའོ། །ཞེས་གསུངས། ་མངོན་རྟོགས་རྒྱན་མདོ་གང་དང་གཙོ་ བོར་སྦྱོར་བ་ནི། གསེད་ཕྲེང་ལས། འདིར་མདོ་དང་སྦྱོར་བའི་མདོ་རྣམས་གང་གི་དབང་དུ་བྱེད་ཅེ་ན། བཟང་པོའི་ཞབས་ཀྱིས་ཉི་སྣང་ལ་བརྟེན་ནས་སྦྱད་བ་བདག་ཉི་ཁྲི་དག་གཏུགས་དང་སྦྱར་བར་བྱའོ། །ཞེས་གསུངས་ [013A]༄༅། །པས་ཉི་ཁྲི་དང་སྦྱོར་དགོས་ཤིང་དེ་ལ་སྔོན་གྱི་དུས་སུ་ཞུས་དག་ལེགས་པར་བྱས་མ་བྱས་ཅི་རིགས་ཡོད་པར་འདུག་པས་མདོའི་དཔེ་ལ་བརྟག་དགོས་སོ།། ་།གསེར་ཕྲེང་དུ་གཉིས་སུ་ མེད་པའི་སྐད་ཅིག་སྦྱོར་གྱི་སྐབས་སུ། མདོ་ནི། རྨི་ལམ་མི་མཐོང། རྨི་ལམ་མཐོང་བ་མི་མཐོང་ངོ། །ཞེས་འབྱུང་ལ། ངོ་བོ་ཉིད་སྐུའི་མདོའི་འབྲེལ་ནི། སྐད་ཅིག་མ་བཞི་པར་བྱང་ཆེན་གྱིས་མཚན་ མེད་ཀྱི་ཚུལ་གྱིས་ཡུམ་ལ་བསླབ་པར་བྱ་བར་གསུངས་ནས་གཞན་ཡང་ཟག་མེད་ཀྱི་ཆོས་རྨི་ལམ་ལྟ་བུ་མཚན་ཉིད་ཀྱིས་སྟོང་པ་ལ་བསླབ་པར་གསུངས་པས་ངོ་བོ་ཉིད་ཀྱི་སྐུ་གསུངས་སོ། །ངོ་བོ་ཉིད་སྐུའི་སྐབས་སུ་ བུངས་སུ་དྲངས་པའི་མདོ་ཚིག་ནི། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ་དངོས་པོ་དང་མི་ལྡན་པ་དངོས་པོ་མེད་པའི་རང་བཞིན་ཅན་གྱི་མཚན་ཉིད་ཀྱིས་སྟོང་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་ པར་རྒྱུར་པ་དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་ཉིད་གཅིག་པོ་འདི་ལྟ་སྟེ་མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ། ཞེས་ སོ། ་ཡེ་ཤེས་ཆོས་སྐུའི་མདོའི་འབྲེལ་ནི། ཟག་མེད་ཀྱི་ཆོས་ཐམས་ཅད་གང། ཞེས་དྲིས་པའི་ལན་དུ་གསུངས་སོ། །མདོ་ཚིག་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དས་ [013B] རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། ཟད་པར་གྱི་སྐྱེ་མཆེད་བཅུ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་ སྨོན་གནས་མཁྱེན་པ་དང་མངོན་པར་ཤེས་པ་དྲུག་དང་སོ་སོ་ཡང་དག་པར་རིག་པ་བཞི་དང། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང། དབང་བཅུ་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། བསྲུང་བ་མེད་པ་ གསུམ་དང་གྲང་པ་ཉེ་བར་བཞག་པ་གསུམ་དང་བསྙེ་བ་ལ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་པར་བཅོམ་པ་དང། ཐུགས་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ཐམས་ཅད་ཤེས་པ་ཉིད་དེ་རབ་འབྱོར་འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ། །ཞེས་སོ། ་ལོངས་སྐུའི་མདོའི་འབྲེལ་ནི། ཆོས་སྐུར་བཤད་པའི་ཡོན་ ཏན་དེ་དག་ཐོབ་པའི་མཐུས་ལོངས་སྐུའི་སྒོ་ནས་ཆོས་ཀྱི་ལོངས་སྤྱོད་ལ་འཇུག་པར་གསུངས་སོ། །མདོ་ཚིག་ནི། རབ་འབྱོར་གཞན་ཡང་ཡུམ་འདི་ལ་བསླབས་ཤིང་ཆོས་དེ་དག་ཐམས་ཅད་ཐོབ་ནས་བླ་མེད་རྫོགས་བྱང་དུ་ མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ [014A]༄༅། །པ། དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་པ། བྱང་ཆེམ་རྣམས་ལ་ཐེག་པ་མཆོག་གི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་བདེ་བ་དང་ཚིམ་པ་དང་རབ་ཏུ་དགའ་བ་སྟོན་པར་མཛད་པར་འགྱུར་ ངོ། །ཞེས་སོ། ་སྤྲུལ་སྐུའི་མདོའི་འབྲེལ་ནི། ཟག་མེད་ཀྱི་ཆོས་རྣམས་ཐོབ་པར་བྱས་ནས་སངས་རྒྱས་ཏེ་སྤྲུལ་པ་བྱེད་པར་གསུངས་སོ། །མདོ་ཚིག་ནི། རབ་འབྱོར་གཞན་ཡང་ཡུམ་འདི་ལ་སློབ་པ་ནི་ ཆོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་པ་དུས་ཐམས་ཅད་དུ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དེ་ལྟར་བྱང་ཆེན་གྱིས་ཡུམ་ལ་བསླབ་པར་བྱའོ། །ཞེས་སོ། ་འཕྲིན་ལས་ཀྱི་མདོའི་ འབྲེལ་ནི། སྐད་ཅིག་མ་བཞི་བའི་སྐབས་སུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཚན་ཉིད་ཀྱིས་སྟོང་པར་གསུངས་པ་ལ་དེ་ལྟ་ན་དགེ་སོགས་གསུམ་ལ་སོགས་པ་ཇི་ལྟར་གཞག་པ་དྲིས་པའི་ལན་དུ་གསུངས་སོ། །མདོའི་ཚིག་ དྲངས་མ་ཐག་པ་རྣམས་པའི་ཅིང་པར་མའི་མདོ་རྒྱས་འབྲིང་གཉིས་ཀར་མི་གསལ་བ་ལྟ་བུར་འདུག་པས་སླར་དཔྱད་པའི་ཕྱིར་འདིར་བྲིས་པའོ།། །།མངྒ་ལཾ།། [014B][BLANK PAGE]